
【གཞིས་རྩེ་དྲ་བ】མཉམ་སྤྱོད་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་མྱོང་རོལ་གསར་པ་བཏོད་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱ་རྒྱུ་ཡིན་པ།
2025-03-24浏览量:5
ཚོགས་འདུ་གཉིས་ཀྱི་ཚོམས་ཆེན་དུ།གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཞའོ་ཧྥུང་མགྲོན་པོར་བཅར་གླེང་བྱས་པ་དང་།2024ལོའི་ཡུལ་སྐོར་ཡོང་འབབ་ལ་ཕྱིར་དྲན་བྱས་པ།ཡུལ་སྐོར་འཕེལ་རྒྱས་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཞིབ་ཕྲའི་བྱ་ཐབས་ལག་བསྟར་བྱས་པ་རེད།
གླེང་མང་བའི་གནད་དོན་དེ་བཀྲས་ལྷུན་དགོན་སོགས་མངོན་མིན་རིག་གནས་ཤུལ་བཞག་དེ་ཉམས་ལེན་རྣམ་པའི་ཐོན་རྫས་སུ་ཇི་ལྟར་འགྱུར་བ་བྱ་རྒྱུ་དང་།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཇི་ལྟར་བྱ་རྒྱུ།ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་ཐད་ཚད་བརྒལ་གང་ཞིག་བྱུང་ཡོད་དམ།དཔེར་ན་ཐང་ག་དང་སྟོད་ལུང་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དེ“མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་དྲ་ཐོག་ཚོང་དོན”བརྒྱུད་ཁྲོམ་ར་ཅན་དུ་ཇི་ལྟར་འགྱུར་བ་བྱ་རྒྱུ།བཀྲག་མདངས་འཚེར་ས་ནི་ཡུལ་སྐོར་བས་རིག་གནས་ཤུལ་བཞག་གི་མི་མངོན་པའི་རིག་གནས་ནང་དོན་ཤེས་རྟོགས་གཏིང་ཟབ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་གཏོད་རྒྱུར་སྔོན་ལ་ལྟ་རྒྱུ་དེ་རེད།
འབྱུང་ཁུངས།སྤྲིན་སྣེའི་ཇོ་མོ་གླང་མ།
རྩོམ་སྒྲིག
རྩོམ་སྒྲིག་པ་གཙོ་བོ།ཝང་ཀའོ་ཕུང་།ཟླ་བ།སྒྲོལ་མ།
ཡིག་ཆ་འགའ་ཤས་དྲ་བ་ནས་བསྐྱར་སསྤེལ་བྱས་པ་ཡིན། དཔེ་མཁོ་བྱས་མཁན་གྱིས་ཁེ་དབང་བདག་བཟུང་བྱས་ཡོད། དོ་དམ་མི་འཆམ་པར་གྱུར་ན་ངེས་བརྗེད་གནང་བར་འབྲེལ་བ་བྱེད་དུ་བཅུག གཏན་འཁེལ་དང་འབྱོར་ལས་ཀྱི་ཡིག་ཆ་ད�་དག་གི་ནང་དུ་ཉེན་ཁ་ཡོད་པར་གསལ་བསྒྲགས་གནང་བ་དང་། གྲོས་ཐག་གཏན་འབེབས་སསྐབས་ཡ་མཚན་པོ་བྱེད་དུ་བཅུག

