རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ།མཉམ་ལས་རོགས་ཟླ་བསྡུ་བ།
15228978771
图片名称
ཁྱེད་ཀྱི་གནས་ཡུལ།:མདུན་ངོས།ཚོང་འགུགས་བརྡ་འཕྲིན།【གཞིས་རྩེ་དྲ་བ】མཉམ་སྤྱོད་བྱས་དོན།ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཅུན་པ་རི་འཛེག་ལུས་སྦྱོང་གོམ་ལམ་འཛུགས་སྐྲུན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ།

【གཞིས་རྩེ་དྲ་བ】མཉམ་སྤྱོད་བྱས་དོན།ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཅུན་པ་རི་འཛེག་ལུས་སྦྱོང་གོམ་ལམ་འཛུགས་སྐྲུན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ།

2025-03-24浏览量:7

གཏམ་བཟང་།ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཅུན་པ་རི་འཛེག་ལུས་སྦྱོང་གོམ་ལམ་འཛུགས་སྐྲུན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་།མིག་སྔར་རི་འཛེག་རྐང་ལམ་རགས་ཙམ་ཆགས་ཡོད།འདི་ལོའི་ཟླ་4པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་དང་།སྐབས་དེར་སྤྲོ་གསེང་ལུས་སྦྱོང་བྱ་ཡུལ་ཡག་པོ་ཞིག་གསར་དུ་གཏོད་རྒྱུ་རེད།

ཅུན་པ་ཡུས་གྲོང་ཚོ་ནི་ལྷ་ས་སྐྱིད་ཆུའི་ཆེས་སྨད་རྒྱུད་དང་ཡར་ཀླུང་གཙང་པོའི་འབྲེལ་མཚམས་སུ་གནས་པ་དང་།རི་སྐོར་གསུམ་དང་ཆུ་གཅིག་བརྒྱབ་ནས་རྒྱང་ལྟ་བྱས་ཚེ་གཙང་པོ་གཉིས་ཀྱི་མཛེས་ལྗོངས་ལ་རྒྱང་ལྟ་བྱས་ཚེ་རི་འཛེག་ལ་དགའ་པོ་བྱེད་མཁན་མི་ཉུང་བ་ཞིག་གི་བྱང་བུ་རྒྱག་ས་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཆུ་ཤུར་རྫོང་ཅུན་པ་རི་འཛེག་ལུས་སྦྱོང་གོམ་ལམ་འཛུགས་སྐྲུན་རྣམ་གྲངས་ནི་ཅུན་པ་ཡུས་གྲོང་ཚོའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།ཤིང་གི་གདུང་འདེགས་གཞུང་ལམ་སྨི་1154.9གསར་སྐྲུན་བྱས་པར་མ་དངུལ་སྒོར་ཁྲི་418.1བཏང་ཡོད་པ་རེད།རྣམ་གྲངས་དེའི་འགོ་འཛུགས་ས་དཔལ་མོ་མཚོ་མཚེའུའི་ལྷོ་ངོས་སུ་གནས་པ་དང་།མཇུག་འགྲིལ་ས་ནི་ཅུན་པ་རིའི་རི་རྩེར་གནས་ཡོད།
ཆུ་ཤུར་རྫོང་ཅུན་པ་རི་འཛེག་ལུས་སྦྱོང་གི་ལམ་ནི་ཤིང་གི་གདུང་འདེགས་ལམ་ཡིན་པ་དང་ཞེང་ཚད་ལ་སྨི་1.5ཡོད་པ་དང་གྱེན་ཐུར་གཟར་པོ་ཡོད་པའི་ལམ་དུམ་དུ་བདེ་འཇགས་སྲུང་སྐྱོང་ར་བ་སོགས་འགོག་སྲུང་སྒྲིག་བཀོད་སྒྲིག་སྦྱོར་བྱ་རྒྱུ་དང་ལམ་རྒྱུད་དུ་མཛེས་ལྗོངས་ལས་སྟེགས་3བཀོད་སྒྲིག་བྱས་ཏེ་རི་འཛེག་མི་ཚོགས་ངལ་གསོ་དང་མཛེས་ལྗོངས་མྱོང་རོལ་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད།
ཅུན་པ་ཡུས་གྲོང་ཚོའི་ཁོར་ཡུག་གི་ཁྱད་ཆོས་གཏོད་པ་དང་ཡུལ་སྐོར་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་ཁ་གསབ་བྱ་ཆེད།ས་ཁོངས་ཧྲིལ་པོའི་ཁོར་ཡུག་གི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གྲོང་མི་ཡུལ་སྐོར་བ་སྔར་བས་མང་བའི་དགོས་མཁོ་མི་འདྲ་བ་སྐོང་ཆེད།ཅུན་པ་ཡུས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་།སྣོད་བཅུད་ཆུའི་མ་ལག་འཛུགས་སྐྲུན་ལས་གྲྭསྣོད་བཅུད་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན།མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་དུས་གཅིག་ཏུ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།ཅུན་པ་ཡུས་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད་པ་རེད།

 

མཉམ་དུ་རེ་སྒུག་བྱེད།
འབྱུང་ཁུངས།ལྷ་སས་སྐད་འཕྲིན་སྤྱི་རྟགས་ཁྱབ་བསྒྲགས་བྱས་པ།
རྩོམ་སྒྲིག
རྩོམ་སྒྲིག་པ་གཙོ་བོ།ཝང་ཀའོ་ཕུང་།ཟླ་བ།སྒྲོལ་མ།
ངས་བལྟས་ན།

 

【འགན་འཁྲིའི་གསལ་བསྒྲགས་】ས་ཚིགས་འདིའི་ཁོངས་གཏོགས་དྲ་རྒྱའི་རྩོམ་སྒྲིག་པ་བརྒྱུད་བསྐུར་བྱེད་པ་དང་།བརྒྱུད་བསྐུར་གྱི་དམིགས་ཡུལ་ནི་ཆ་འཕྲིན་དེ་བས་མང་བ་བརྒྱུད་སྤྲོད་བྱེད་པ་ལས་དྲ་ཚིགས་འདིའི་ལྟ་བ་དང་དེའི་དོན་དངོས་རང་བཞིན་ལ་འགན་འཁུར་རྒྱུར་མོས་མཐུན་མེད་པ་མཚོན་གྱི་མེད།གོང་སྨོས་ཀྱི་ནང་དོན་ནི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལས་བྱུང་བས་ཡང་དག་མིན་པར་དཔྱད་གཞི་ཁོ་ན་མཁོ་འདོན་བྱེད་ཀྱི་ཡོད།ས་ཚིགས་འདིས་དཔྱད་གཞི་ཙམ་མཁོ་འདོན་བྱས་པ་ལས་མ་འཇོག་དང་བཀོལ་སྤྱོད་ཀྱི་གྲོས་འགོ་གང་ཡང་གྲུབ་མེད།གལ་ཏེ་བརྩམས་ཆོས་ཀྱི་ནང་དོན་དང་།པར་དབང་།གནད་དོན་གཞན་དག་བཅས་དང་འབྲེལ་བ་ཡོད་ཚེ་ཉིན་30ཡི་ནང་དྲ་ཚིགས་དེ་དང་འབྲེལ་བ་བྱས་ཏེ་ང་ཚོས་འཕྲལ་དུ་ནང་དོན་བསུབ་རྒྱུ་ཡིན།】
ཆ་འཕྲིན་ཁྱབ་བསྒྲགས།དེ་རིང་གི་གསར་འགྱུར་དང་པོ།
ཆ་འཕྲིན་འབྱུང་ཁུངས།རིག་གནས་ཡུལ་སྐོར་གཞིས་རྩེ།
འབྱུང་ཁུངས་སྦྲེལ་མཐུད།htps:/ww.toutiao.com/7474374239210762789·logfrom=efc4efccc81—17403592952

ཡིག་ཆ་འགའ་ཤས་དྲ་བ་ནས་བསྐྱར་སསྤེལ་བྱས་པ་ཡིན། དཔེ་མཁོ་བྱས་མཁན་གྱིས་ཁེ་དབང་བདག་བཟུང་བྱས་ཡོད། དོ་དམ་མི་འཆམ་པར་གྱུར་ན་ངེས་བརྗེད་གནང་བར་འབྲེལ་བ་བྱེད་དུ་བཅུག གཏན་འཁེལ་དང་འབྱོར་ལས་ཀྱི་ཡིག་ཆ་ད�་དག་གི་ནང་དུ་ཉེན་ཁ་ཡོད་པར་གསལ་བསྒྲགས་གནང་བ་དང་། གྲོས་ཐག་གཏན་འབེབས་སསྐབས་ཡ་མཚན་པོ་བྱེད་དུ་བཅུག

上一篇
下一篇

Copyright © 日喀则网 པར་དབང་འདི་གར་ཡོད།||ལག་རྩལ་གྱི་རྒྱབ་སྐྱོར།:ཚོང་པ་ཀུན་འདུས།|ཁེ་ལས་བབ་ཐོབ།

Copyright © 日喀则网 པར་དབང་འདི་གར་ཡོད།||ལག་རྩལ་གྱི་རྒྱབ་སྐྱོར།:ཚོང་པ་ཀུན་འདུས།|ཁེ་ལས་བབ་ཐོབ།

⚠️
མཉམ་ལས་ལ་ཉེན་ཁ་ཡོད་པས། མ་རྩ་གཏོང་བར་གཟབ་རོགས་གནང་།