
【གཞིས་རྩེ་དྲ་བ】མཉམ་སྤྱོད་བྱས་དོན།གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
2025-03-24浏览量:8
གྲོང་ཁྱེར་སྲིད་གྲོས་ཀྱི་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཚེས་20ཉིན་གྱི་ཕྱི་དྲོ་གྲོལ་བ་རེད།ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།ཝང་ཧྥང་ཧུང་དང་།དབྱང་ཁུན།པ་སངས།ཀྲུའུ་ཙེ་ཧྭ།སྐལ་བཟང་སྒྲོལ་མ།ཀྲང་སི།ཁྲེན་ཀང་།མ་ཤིང་པིན།ཀའོ་ཞུའེ་ཝུན་བཅས་ཚོགས་འདུར་ཕེབས་ཡོད་པ་དང་ཐུབ་བསྟན་ཚེ་རིང་གིས་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད་དང་།སྐབས་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་གྲོས་ཆོད།སྲིད་གྲོས་སྐབས་གཉིས་པའི་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད།སྲིད་གྲོས་སྐབས་གཉིས་པའི་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱས་པ་རེད།
ཟླ་བ་ཚེ་རིང་གིས་གྲོང་ཁྱེར་སྲིད་གྲོས་ཀྱི་སྐབས་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་ཨུ་ཡོན་ཚང་མས་སྲིད་ཞུགས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་།འགན་འཁྲི་འཁུར་སེམས་ཆེན་པོ་འཁུར་བ།དཔའ་ངར་ཆེར་བསྐྱེད་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་གྲོས་མོལ་སྲིད་མོལ་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
ཟླ་བ་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་ཏུ་སྒྲིལ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་སྔ་བར་ཕྱི་གསུམ་དུ་ཏང་ཨུད་དང་སྲིད་གཞུང་དང་།འཕེལ་རྒྱས་གཏོང་བ།མང་ཚོགས་དང་སེམས་མཐུན་བཅས་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས།
ལྟེ་བར་དམིགས་པ་དང་།ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།“དོན་ཆེན་བཞི་”ལ་དམིགས་ཏེ་“གསར་གཏོད་བཞི་”གཅིག་སྡུད་བྱེད་པ།“ལྟེ་བའི་གྲོང་ཁྱེར་གཉིས་”འཛུགས་སྐྲུན་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ།གཞི་རིམ་བཅོས་སྐྱོང་དང་།མི་རིགས་མཐུན་སྒྲིལ།སྤུས་ཚད་མཐོ་བའི་འཕེལ་རྒྱས།སྐྱེ་ཁམས་སྲུང་སྐྱོང་།དམངས་འཚོ་ལེགས་བཅོས།སྟོབས་ཆེའི་མཐའ་མཚམས་བརྟན་སྲུང་།གནོད་སྐྱོན་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ཐབས་ཇུས་བཟང་པོ་དང་།བྱེད་ཐབས་དངོས་འདོན་པ།དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ།གཞིས་རྩེ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།
རྒྱ་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་།ཕྱོགས་སོ་སོ་དང་མཉམ་འབྲེལ་དང་ལས་རིགས་ཁག་ལ་མཐུན་སྒྲིལ་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་།ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བར་བྱ་རྒྱུ་ལྟེ་བའི་ལྷུ་ཚིགས་སུ་བཟུང་སྟེ།གྲོས་མོལ་དམངས་གཙོའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།ལས་རིགས་ཁག་གི་མི་སྣ་དང་མཐུན་སྒྲིལ་མཛའ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ།མང་ཚོགས་དང་འབྲེལ་འདྲིས་དང་ཞབས་འདེགས་སྔར་ལས་ལྷག་པར་ཞུ་བ་བཅས་བྱས་ཏེ།ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་གང་ཐུབ་བྱ་དགོས།
སྲིད་གྲོས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གནས་བབ་གསར་པ་དང་མཐུན་པ།བླང་བྱ་གསར་པ་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་སྤྱི་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་།སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།“ལས་ཁུངས་རིགས་ལྔ་”ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ།ཆེད་དོན་ཨུ་ཡོན་ལྷན་ཁང་ལེགས་སྐྱོང་དམ་འཛིན་ལེགས་པོ་བཅས་བྱས་ཏེ་སྲིད་གྲོས་ལས་དོན་ལམ་ལུགས་ཅན་དང་།ཚད་ལྡན་ཅན།གོ་རིམ་ཅན་བཅས་སུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཟླ་བ་ཚེ་རིང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་དང་།སྤྱི་ཡོངས་དོ་དམ།དོན་འཁྱོལ་འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམ་ཁག་སྡེ་ཚན་ཁག་གིས་སྲིད་གྲོས་རྩ་འཛུགས་ཀྱིས་སྒྲིག་ཡིག་གཞིར་བཟུང་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཏིང་ཕུང་དང་།དོན་གྲུབ།ལི་ཡུན་ཧྲེང་།བཀྲ་ཤིས་ཚེ་རིང་།བློ་བཟང་ཟུར་པ།ཟླ་བ་བསྟན་འཛིན།ལིའུ་ཁྲེན་ཧུའེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་།སྲིད་གཞུང་།ཁྲིམས་ཁང་།ཞིབ་དཔྱོད་ཁང་སོགས་ཀྱི་འགོ་ཁྲིད་བློ་མཐུན་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད།
རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་གྲོལ་བ་རེད།
འབྱུང་ཁུངས།གཞིས་རྩེ་གསར་འགྱུར་ལྟེ་གནས།
རྩོམ་སྒྲིག
རྩོམ་སྒྲིག་པ་གཙོ་བོ།ཝང་ཀའོ་ཕུང་།ཟླ་བ།སྒྲོལ་མ།
【འགན་འཁྲིའི་གསལ་བསྒྲགས་】ས་ཚིགས་འདིའི་ཁོངས་གཏོགས་དྲ་རྒྱའི་རྩོམ་སྒྲིག་པ་བརྒྱུད་བསྐུར་བྱེད་པ་དང་།བརྒྱུད་བསྐུར་གྱི་དམིགས་ཡུལ་ནི་ཆ་འཕྲིན་དེ་བས་མང་བ་བརྒྱུད་སྤྲོད་བྱེད་པ་ལས་དྲ་ཚིགས་འདིའི་ལྟ་བ་དང་དེའི་དོན་དངོས་རང་བཞིན་ལ་འགན་འཁུར་རྒྱུར་མོས་མཐུན་མེད་པ་མཚོན་གྱི་མེད།གོང་སྨོས་ཀྱི་ནང་དོན་ནི་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་ལས་བྱུང་བས་ཡང་དག་མིན་པར་དཔྱད་གཞི་ཁོ་ན་མཁོ་འདོན་བྱེད་ཀྱི་ཡོད།ས་ཚིགས་འདིས་དཔྱད་གཞི་ཙམ་མཁོ་འདོན་བྱས་པ་ལས་མ་འཇོག་དང་བཀོལ་སྤྱོད་ཀྱི་གྲོས་འགོ་གང་ཡང་གྲུབ་མེད།གལ་ཏེ་བརྩམས་ཆོས་ཀྱི་ནང་དོན་དང་།པར་དབང་།གནད་དོན་གཞན་དག་བཅས་དང་འབྲེལ་བ་ཡོད་ཚེ་ཉིན་30ཡི་ནང་དྲ་ཚིགས་དེ་དང་འབྲེལ་བ་བྱས་ཏེ་ང་ཚོས་འཕྲལ་དུ་ནང་དོན་བསུབ་རྒྱུ་ཡིན།】
ཆ་འཕྲིན་ཁྱབ་བསྒྲགས།དེ་རིང་གི་གསར་འགྱུར་དང་པོ།
ཆ་འཕྲིན་འབྱུང་ཁུངས།རིག་གནས་ཡུལ་སྐོར་གཞིས་རྩེ།
འབྱུང་ཁུངས་སྦྲེལ་མཐུད།htps:/ww.toutiao.com/7473698254275543563·logfrom=f58ce812a2c7—17403595769
ཡིག་ཆ་འགའ་ཤས་དྲ་བ་ནས་བསྐྱར་སསྤེལ་བྱས་པ་ཡིན། དཔེ་མཁོ་བྱས་མཁན་གྱིས་ཁེ་དབང་བདག་བཟུང་བྱས་ཡོད། དོ་དམ་མི་འཆམ་པར་གྱུར་ན་ངེས་བརྗེད་གནང་བར་འབྲེལ་བ་བྱེད་དུ་བཅུག གཏན་འཁེལ་དང་འབྱོར་ལས་ཀྱི་ཡིག་ཆ་ད�་དག་གི་ནང་དུ་ཉེན་ཁ་ཡོད་པར་གསལ་བསྒྲགས་གནང་བ་དང་། གྲོས་ཐག་གཏན་འབེབས་སསྐབས་ཡ་མཚན་པོ་བྱེད་དུ་བཅུག

